༄༅།།ལྷ་ས་རུ་ཞིང་འབྲོག་གི་ལུས་རྩལ་འགྲན་ཚོཊ་ཚུགས།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་28ཉིན། 13:51】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཉིན་ཤས་རིང་། ཕ་ཡུལ་གྱི་ཉམས་དང་སྤྲོ་སྣང་གིས་ཁེངས་པའི་ཞིང་འབྲོག་ལུས་རྩལ་འགྲན་ཚོགས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་དང་། ལྷ་སའི་རྟ་རྒྱུག་ར་བར་རེས་མོས་ངང་ཚུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་(ཆུས་)དང་ནུས་ལྡན་གླིང་ཁུལ་ཁག་གི་འཐུས་མི་རུ་ཁག་11གི་ཞིང་འབྲོག་ལུས་རྩལ་པ་500ལྷག་ཙམ་གྱིས་འགྲན་རའི་ཐོག་རྔུལ་ཆུ་དང་སྤྲོ་སེམས་འཁོལ་བའི་ངང་མྱུར་ཚད་དང་སྟོབས་ཤུགས་འགྲན་བསྡུར་བྱས་པ་དང་། འགྲན་རའི་ཕྱི་རོལ་དུ་ཐལ་མོའི་རྡེབ་སྒྲ་དང་། དགའ་འབོད། ངར་སྐད་བཅས་རྒྱུན་ཆད་མེད་པར་སྒྲོག་བཞིན་ཡོད།

      ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ནི་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་ཐོག་ཕྱོགས་བསྡུས་རང་བཞིན་གྱི་ཞིང་འབྲོག་ལུས་རྩལ་འགྲན་ཚོགས་ཚད་གཞི་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས་ཀྱི་གཟབ་རྒྱས་ཤིག་ཡིན་ལ། ལྷ་སའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་ལུས་རྩལ་མཉམ་འདྲེས་ཁྱབ་ཁོངས་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཀྱང་རེད།