༄༅།།ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཅ་ཚི་ཝ་ཉི་མོ་རི་ཐ་ནི་ཡའི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 09:57】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏེ·ཨུར་ཏེ·ཞེ་ཧོ·ཅ་ཚི་ཝ་ཉིར་གློག་འཕྲིན་བཏང་ནས་ཁོང་མོ་རི་ཐ་ནི་ཡ་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ་རེད།

      ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ངས་ཀྲུང་མོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་མོའི་དབར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད།