༄༅།།ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་གསར་པ་བསྐོས་འདུག 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 13:44】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཟླ་7ཚེས་11ཉིན་གྱི་ཕྱི་དྲོ་ཚོང་དོན་པུའུ་ཡིས་རྒྱུན་ལྡན་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། གསར་དུ་བསྐོ་གཞག་བྱས་པའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡུང་ཆན་ཚང་མ་དང་ངོ་མཇལ་བྱས། ངོ་སྤྲོད་བྱས་པར་གཞིགས་ན། ཧོ་ཡུང་ཆན་ནི་ཚོང་དོན་པུའུ་ཡི་རང་མོས་ཚོང་དོན་ཁུལ་ཞང་ཀང་སིའི་སི་ཀྲང་གཞོན་པ། གསར་འགྱུར་མགྲིན་ཚབ་པའི་འགན་གཅིག་ལྕོགས་འཁུར་བ་དང་། ཡུན་རིང་ཕྱི་ཕྱོགས་སྒོ་འབྱེད་དང་ས་ཁོངས་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་དོན་གཉེར་བས། ཚོང་དོན་ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་འབྲེལ་གཏུག་ནུས་པ་ཡག་པོ་ལྡན་ཡོད།