༄༅།།བོད་ཀྱིས་གཏོང་སྤྲོད་ཞབས་ཞུ་ལེགས་སུ་དང་གཏོང་སྤྲོད་བྱེད་ཐབས་སྟབས་བདེ་རུ་བཏང་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་3པར། 《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་གཏོང་སྤྲོད་བྱེད་ཐབས་སྟབས་བདེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཀྲུང་གོ་མི་དམངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་གཞིར་བཟུང་། བོད་ཀྱི《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་གཏོང་སྤྲོད་བྱེད་ཐབས་སྟབས་བདེ་རུ་གཏོང་བའི་ལས་དོན་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། བོད་ཀྱི་གཏོང་སྤྲོད་ཞབས་ཞུ་ལེགས་སུ་གཏོང་བ་དང་གཏོང་སྤྲོད་བྱེད་ཐབས་སྟབས་བདེ་རུ་གཏོང་བའི་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་བ་རེད། ཚེས་9ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་གསར་འགྱུར་ཡོངས་བསྒྲཊ་ཚོཊ་འདུ་འཚོཊ་ནས་བོད་ཀྱི་གཏོང་སྤྲོད་ཞབས་ཞུ་ལེཊ་སུ་གཏོང་བ་དང་གཏོང་སྤྲོད་བྱེད་ཐབས་སྟབས་བདེ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་ངོ་སྤྲོད་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་སུ་དངུལ་སིལ་མ་ལག་ཐོགས་པའི་འཛད་སྤྱོད་པ་དཀྱུས་མར་དངུལ་ཁང་སྒྲིག་གཞིས་དངུལ་ཐང་སྒོར་20དང་། སྒོར་10 སྒོར་5 སྒོར་1བཅས་ཀྱི་འཛིན་ཤོག་ལས་གྲུབ་པའི་དངུལ་གྲངས་སྒོར་200དང་། སྒོར་300 སྒོར་500བཅས་ཟིན་པའི“དངུལ་སིལ་མའི་ཁུག་མ”རིགས་གསུམ་བཏོན་པ་རེད།

      མིག་སྔའི་བར། བོད་ལྗོངས་ཡོངས་ཀྱི་དངུལ་སྨར་ལས་སྒོ་བདག་སྤྲོད་བྱེད་པའི་དངུལ་ཁང་གི་ལས་གཉེར་དྲ་ཚིགས་731ཚང་མས“དངུལ་སིལ་མའི་ཁུག་མའི”ཞབས་འདེགས་ཞུས་པ་དང“དངུལ་སིལ་མའི་ཁུག་མ”ཁྲི་3.7ལྷག་ཙམ་བཏོན་ཡོད། དངུལ་སྨར་གཏོང་སྤྲོད་ལེགས་སུ་གཏོང་བའི་ལས་དོན་སྤེལ་ཚུན། བོད་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། ཁྲོམ་རར་ཁྱོན་སྒོར་20དང་དེ་མན་གྱི་དངུལ་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2.29བཏོན་པ་རེད།

      ཡའོ་ཀྲུང་ཡུས་ཀྱིས་ང་ཚོས་ཕྱི་རྒྱལ་གྱི་དངུལ་ལོར་བརྗེ་བའི་སྒྲིག་གཞིའི་བཀོད་པ་ལེགས་སུ་གཏོང་བ་དང་སྒུལ་བདེའི་གཏོང་སྤྲོད་སྟབས་བདེ་རུ་བཏང་སྟེ། ས་ཁོངས་ཕྱི་ནས་བོད་དུ་ཡོང་མཁན་ལ་དེ་བས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ཕྱི་དངུལ་བརྗེ་བའི་ཞབས་འདེགས་ཞུ་གི་ཡོད། ལྗོངས་ཡོངས་ཀྱི་ཕྱི་རྒྱལ་གྱི་དངུལ་ལོར་བརྗེ་བའི་དངུལ་ཁང་གི་ལས་གཉེར་ས་ཚིགས་53དང་ཕྱི་རྒྱལ་གྱི་དངུལ་ལོར་བརྗེ་བའི་སྒྲིག་གཞི་8ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དངུལ་ལོར་ཚབ་བརྗེའི་ས་ཚིགས་བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་ཁྱབ་ཡོད། མིག་སྔའི་བར་ཕྱི་རྒྱལ་གྱི་གྲོང་མིས་ཕྱི་རྒྱལ་གྱི་དངུལ་ལོར་བརྗེས་ཚད་ཁྱོན་ཐེངས་101ཟིན་པ་དང་དངུལ་གྲངས་ཨ་སྒོར་ཁྲི་17.98ཟིན་པ་དེ་དུས་མཚུངས་ལས་ལྡབ་30ལྷག་ཙམ་འཕར་ཡོད། བོད་ལྗོངས་ཡོངས་སུ་སྐད་འཕྲིན་གཏོང་སྤྲོད་བརྒྱུད་ཕྱི་རྒྱལ་གྱི་དངུལ་ཁང་གཱ་བསྒར་ནས་ཐད་ཀར་ཕྱི་རྒྱལ་གྱི་གློག་རྡུལ་དངུལ་ཁུག་སྤྱད་དེ་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་གཏོང་སྤྲོད་ཉོ་ཚོང་བྱེད་ཚད་རིམ་རྩིས་བྱས་ན་ཐེངས་ཁྲི་1.89ཟིན་པ་དང་ཉོ་ཚོང་བྱེད་ཚད་འདི་ལོའི་ལོ་སྟོད་ལས་ལྡབ་1.10འཕར་ཡོད་ཅེས་བཤད་པ་རེད།

      གཞན་ཡང་། བོད་ཀྱི་དངུལ་ཁང་སྒྲིག་གཞིས་གཏོང་སྤྲོད་གཙང་རྩིས་ཀྱི་ལས་སྒོ་གཉེར་བའི་འགྲོ་ལུགས་ལེགས་སུ་བཏང་ནས་རྒན་རྒོན་ཚོར་ཚོམས་ཆེན་དུ“ཕེབས་རོགས་རྣམ་པའི”ཞབས་འདེགས་ཞུས་ཡོད། དངུལ་ཁང་གི་ལས་གཉེར་ས་ཚིགས་ཀྱིས་རྒས་འཁོགས་ཀྱི་མིག་ཤེལ་དང་། སྟེགས་འཁོར། སྨན་སྒམ། ཁྲག་ཤེད་འཇལ་ཆས་སོགས་རྒན་སྐྱོར་གྱི་དངོས་རྫས་མཁོ་འདོན་བྱས་པ་དང་། རྒན་རྒོན་ལ་ཞབས་འདེགས་ཞུ་བའི་གཅེས་སེམས་སྐར་ཁུང་དང་ལས་སྒྲོམ་དང་དེ་བཞིན་རྒན་བཀུར་འཚང་གཡོལ་ཞབས་ཞུའི་དུས་མཚམས་བཀོད་སྒྲིག་བྱེད་པ་སོགས་རྒན་རྒོན་ལ་འཚམ་པའི་སྟབས་བདེའི་བྱ་ཐབས་སྤྱད་པ། བོད་སྐད་ཤེས་པའི་སྣེ་ཁྲིད་པ་དང་བོད་སྐད་ཐོག་ནས་ཨང་གྲངས་འབོད་པ་སོགས་ཀྱི་ཞབས་འདེགས་ཞུས་ནས་དངུལ་ཁང་གི་ལས་གཉེར་ས་ཚིགས་ཀྱི“སེམས་སྐྱིད”གཏོང་སྤྲོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་དངུལ་ཁང་ཁག་གི་ལས་གཉེར་ས་ཚིགས་ཀྱིས་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ལེགས་གྲུབ་ཟིན་པ་རེད།