༄༅།།དོན་འདིའི་ཐད་བྱང་ཆིངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 14:14】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཟླ་7ཚེས་10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། བྱང་ཆིངས་ཀྱི་དབུ་ཚོགས་ཝ་ཧྲིང་ཐོན་དུ་འགོ་ཚུགས་པ་དང་ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་ལ་རེ་སྒུག་གང་ཞིག་ཡོད་དམ་ཞེས་དྲིས་པར།

      ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་བྱང་ཆིངས་ལ་འཛིན་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་ཡིན། བྱང་ཆིངས་ཀྱིས་ས་ཁོངས་རང་བཞིན་དང་འགོག་སྲུང་རང་བཞིན་གྱི་རྩ་འཛུགས་ཀྱི་ངོ་བོ་ལས་བརྒལ་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དུ་གདོང་གཏུག་དང་འགྲན་རྒོལ་སློང་བ་དང་། ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། བྱང་ཆིངས་རྩ་འཛུགས་ཀྱིས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་ཀྱི་ཆེད་དུ་བྱ་བ་དངོས་མང་ཙམ་བསྒྲུབ་དགོས་པ་ང་ཚོས་ཁ་ཏ་བསླབ་བྱ་བྱ་རྒྱུ་ཡིན་ཞེས་བཤད།