༄༅།།2024ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་74ཚང་མ་སྤྲད་ཟིན་པ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་01ཉིན། 09:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། གསར་འགོད་པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་དུས། 2024ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་74ཚང་མ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)28དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འབྲེལ་ཡོད་རྫོང(གྲོང་ཁྱེར་དང་། ཆུས། ཆི)ལ་སྤྲད་ཟིན་པ་རེད།

      རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ཐུན་མོང་འཕེལ་རྒྱས་སིའི་འབྲེལ་ཡོད་འགན་འཁུར་བས། ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་མ་དངུལ་གྱིས་མི་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ། མི་རིགས་ལག་ཤེས་བཟོ་ལས་དང་མི་རིགས་ཀྱི་རིག་གནས་ཡུལ་སྐོར་སོགས་དམངས་ཕྱུག་འབབ་འཕར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ལག་བསྟར་ཏན་ཏིག་བྱས་ཡོད་པ་རེད། མ་དངུལ་བེད་སྤྱོད་དང་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད“མཉམ་འདྲེས”ཀྱི་ནང་དོན་དང་ཁྲིད་སྟོན་མངོན་གསལ་དོད་དུ་བཏང་སྟེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།