༄༅།།ཐའེ་ཝན་གྱི་གནད་དོན་ཐད་ལྗར་པན་ལ་ཇུས་གཏོགས་མེད། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་28ཉིན། 13:40】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཟླ་6ཚེས་27ཉིན་གྱི་ཕྱི་དྲོ། རྒྱལ་སྲུང་པུའུ་ཡིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཞའོ་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

      གསར་འགོད་པ། གནས་འཕྲིན་སྤེལ་བར་གཞིགས་ན། ལྗར་པན་སྲིད་གཞུང་གིས་ཁྲུང་ཧྲེང་དང་ཤན་ཏའོ་གླིང་ཕྲན་ཁག་གི་གྲོང་མི་ཅིའུ་ཀྲོའུ་ཡི་རྫོང་ཁག་དང་ཧྲན་ཁོའུ་རྫོང་དུ་ཁ་འགྲེམས་བྱ་རྒྱུའི་འཆར་གཞིའི་འཆར་ཟིན་ཡོངས་བསྒྲགས་བྱས་པ་རེད། དབྱེ་ཞིབ་པས་ལྗར་པན་སྲིད་གཞུང་གི་འབྲེལ་ཡོད་འཆར་གཞི་ནི་“ཐའེ་ཝན་ལ་གནད་དོན་ལྷག་ན་”“ཁ་གཏད་འཇལ་བའི་”ཆེད་དུ་ཡིན་པར་འདོད་པ་རེད། མི་རིང་བའི་གོང་ལ། ལྗར་པན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་“ལྗར་པན་གྱིས་རང་ཉིད་ཀྲུང་གོ་ཁ་ཕྲལ་དུ་གཏོང་བའི་འཐབ་འཁོར་ལ་བསྡད་ཚེ། ལྗར་པན་གྱི་དམངས་ཚོགས་མེ་འོབ་ཏུ་འཁྲིད་རྒྱུ་རེད་”ཅེས་བཤད་པ་རེད། མགྲིན་ཚབ་པས་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཟེར།

      ཝུའུ་ཆན་གྱིས། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་རེད། ཐའེ་ཝན་གྱི་དོན་དག་ནི་འཇར་པན་དང་འབྲེལ་བ་མེད། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་ལྟེ་བའི་ཁྲོད་ཀྱི་སྲོག་ཤིང་ཡིན་པ་དང་། ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་དང་འབྲེལ་བ་ཡོད་ལ། བརྒལ་ཐབས་བྲལ་བའི་དམར་ཐིག་ཅིག་ཀྱང་རེད། ལྗར་པན་ཕྱོགས་ཀྱིས་“ཐའེ་ཝན་ལ་གནད་དོན་ལྷག་ངེས་”ལ་ཁ་གཡར་ནས་ས་ཁུལ་གྱི་གནས་བབ་ཛ་དྲག་ཆེ་ལུགས་འུད་སྒྲོག་་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད། ད་ལྟའི་ཐའེ་ཝན་མཚོ་འགག་གི་ཞི་བདེའི་འཇིགས་སྐུལ་ཆེ་ཤོས་ནི་“ཐའེ་ཝན་རང་བཙན་”གྱི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དེ་རྒྱ་ཡན་དུ་བཏང་ནས་རྒྱབ་སྐྱོར་བྱེད་པ་དེ་རེད། ལྗར་པན་གྱིས་ཐའེ་ཝན་ལ་དུས་ཡུན་རིང་པོར་མི་སེར་སྤེལ་བ་དང་། ཀྲུང་གོའི་མི་དམངས་ལ་ལོ་རྒྱུས་ཀྱི་ཉེས་དམིགས་ཚབས་ཆེན་བསགས་པར། རང་ཞིབ་དང་གཏམ་སྤྱོད་ལ་དེ་བས་གཟབ་ནན་བྱ་དགོས། ང་ཚོས་ལྗར་པན་ཕྱོགས་ལ་ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་དགོངས་དོན་དང་ད་བར་ཁས་ལེན་བརྩི་སྲུང་ཏན་ཏིག་ཞུས་ནས་ཐའེ་ཝན་གྱི་གནད་དོན་སྤྱད་དེ་འགྲན་རྒོལ་བྱེད་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། ནན་བཤད་དགོས་པ་ཞིག་ནི་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་ཡོངས་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རེད། མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་འདྲ་ཞིག་ཡིན་རུང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ཀྲུང་གོའི་གཅིག་གྱུར་ལ་བཀག་འགོག་བྱེད་ཕོད་ན་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་མདུན་དུ་རྡུང་རྡེག་དྲག་པོ་ཕོག་ངེས་རེད།