༄༅།།མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གསུམ་པ་འགོ་ཚུགས་པ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་10ཉིན། 13:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཟླ་7ཚེས་7ཉིན་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གསུམ་པའི་འགྲན་དུམ་དང་པོའི་ཟི་ལིང་སྐོར་བའི་འགྲན་བསྡུར་བྱས་ཤིང་། མཐར་པེར་ཀྲེམ་གྱི་ཨོ་པེ་ཆིང—ཏེ་ཁོ་ཉི་ཁེ་རྐང་འཁོར་རུ་ཁག་གི་རུ་མི་ཡན་སེན·ཧྥུའུ་ལོ་ལའེ་ཐེ་ལ་འགྲན་དུམ་དེའི་མི་སྒེར་གྱི་ཨང་དང་པོ་ཐོབ་པ་རེད། འདི་ནི་དེ་ཉིན་མཚོ་སྔོན་ཐེན་ཡིའུ་ཏེ་རྐང་འཁོར་རུ་ཁག་གི་རུ་མི་ཝང་ཅན་ཚའེ(གཡོན)ཡིས་འགྲན་བསྡུར་བྱེད་བཞིན་པ།

      འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་སྔ་དྲོ། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གསུམ་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲན་བསྡུར་ནང་འཛམ་གླིང་རུ་ཁག་2དང་། ཀྲོའུ་དབར་གྱི་ལས་རིགས་རུ་ཁག་5 ཀྲོའུ་དབར་གྱི་རུ་ཁག་15བཅས་ཁྱོན་རུ་ཁག་22ཞུགས་ཡོད་པ་རེད།

      སྐབས་འདིའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ལ་ཁྱོན་འགྲན་དུམ་8ཡོད་པ་དང་བསྡོམས་ལམ་ཐག་སྤྱི་ལེ་1255ཟིན་པའི་ནང་འགྲན་བསྡུར་ལམ་ཐག་སྤྱི་ལེ་1193དང་འགྲན་ལམ་བརྗེ་སྒྱུར་སྤྱི་ལེ་50ཡོད། ཟླ་7ཚེས་7ཉིན་འགྲན་དུམ་དང་པོ་ཟི་ལིང་སྐོར་བའི་འགྲན་བསྡུར་གཉེར་བ་དང་། ཟླ་7ཚེས་8ཉིན་འགྲན་དུམ་གཉིས་པ་མདོ་པ་ནས་མགོན་ལུང་བར་གྱི་འགྲན་བསྡུར་གཉེར་བ། ཟླ་7ཚེས་9ཉིན་འགྲན་དུམ་གསུམ་པ་མགོན་ལུང་ནས་ཁྲི་ཀ་བར་གྱི་འགྲན་བསྡུར་གཉེར་བ། ཟླ་7ཚེས་10ཉིན་འགྲན་དུམ་བཞི་པ་ཁྲི་ཀ་ནས་གསེར་ཆེན་བར་གྱི་འགྲན་བསྡུར་གཉེར་རྒྱུ། ཟླ་7ཚེས་11ཉིན་འགྲན་དུམ་ལྔ་པ་གསེར་ཆེན་ནས་ནུབ་མཚོ་གྲོང་རྡལ་བར་གྱི་འགྲན་བསྡུར་གཉེར་རྒྱུ། ཟླ་7ཚེས་12ཉིན་འགྲན་དུམ་དྲུག་པ་ནུབ་མཚོ་གྲོང་རྡལ་ནས་མདོ་ལ་བར་གྱི་འགྲན་བསྡུར་གཉེར་རྒྱུ། ཟླ་7ཚེས་13ཉིན་འགྲན་དུམ་བདུན་པ་མདོ་ལ་ནས་འཇུ་ལག་བར་གྱི་འགྲན་བསྡུར་གཉེར་རྒྱུ། ཟླ་7ཚེས་14ཉིན་འགྲན་དུམ་བརྒྱད་པ་འཇུ་ལག་མེ་ཏོག་རྒྱ་མཚོའི་འགྲན་བསྡུར་གཉེར་རྒྱུ་བཅས་རེད།