༄༅།།ཨ་རིས་ཧ་ལམ་སྒོར་དུང་ཕྱུར་10ཡི་ཆད་པ་གཅོད་རྒྱུ་རེད། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་11ཉིན། 14:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་10ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རི་སྲིད་གཞུང་གིས་ཧྭ་ཆི་ཚོགས་པར་ཨ་སྒོར་དུང་ཕྱུར་1.36(མི་དམངས་ཤོག་སྒོར་དུང་ཕྱུར་9.9དང་མཚུངས་)པའི་དངུལ་ཆད་གཅོད་རྒྱུའི་ཁྱབ་བསྒྲགས་བྱས། དེའི་རྒྱུ་མཚན་ནི་ཧྭ་ཆི་དངུལ་ཁང་གིས་ཡུན་རིང་གནས་པའི་ནང་ཁུལ་དོ་དམ་ཚོད་འཛིན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་འཕེལ་རྒྱས་བྱུང་མེད་པས་རེད།