༄༅།།གོ་ལ་ཧྲིལ་པོའི་མི་གྲངས་དུང་ཕྱུར་103ལ་སླེབས་རྒྱུ་རེད། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 14:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་ཡིས《2024ལོའི་འཛམ་གླིང་མི་འབོར་ལ་རྒྱང་ལྟ་བྱེད་པ》ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད།

      སྙན་ཞུའི་ནང་སྔོན་དཔག་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་མི་འབོར་དུས་རབས་འདིའི་ལོ་རབས་80པར་དུང་ཕྱུར་103ཙམ་ཟིན་རྒྱུ་དང་། དེའི་རྗེས་སུ་མི་འབོར་གྱི་གྲངས་འབོར་རིམ་བཞིན་ཆག་ནས་དུས་རབས་21པ་མཇུག་མ་འགྲིལ་གོང་མི་འབོར་དུང་ཕྱུར་102བར་ཆག་རྒྱུ་ཡིན་ལ། 2100ལོའི་མི་འབོར་གྱི་སྔོན་དཔག་གྲངས་འབོར་དེ་ལོ་10གོང་གི་སྔོན་དཔག་གྲངས་འབོར་ལས་6%ཆག་རྒྱུ་རེད།

      སྙན་ཞུའི་ནང་ད་ལྟ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་63གྱི་མི་འབོར་གྱི་གྲངས་འབོར་མཐོ་ཤོས་སུ་སླེབས་ཡོད་པ་དང་། མི་འབོར་གྱི་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་28%བཟུང་ཡོད་ཅེས་འཁོད་ཡོད་པ་རེད། མི་འབོར་མང་ཤོས་སུ་སླེབས་པའི་རྒྱལ་ཁབ་དང་ས་ཁུལ་ཁྲོད། སྙན་ཞུའི་ནང་སྔོན་དཔག་བྱས་པར་གཞིགས་ན། འབྱུང་འགྱུར་གྱི་ལོ་30ཡི་ནང་དེའི་མི་འབོར་14%ལྷག་ཙམ་ཆག་རྒྱུ་དང་། དེའི་ནང་ཨར་པ་ནི་ཡ་དང་པོ་ཧེར། ལི་ཐུ་ཝན་ནི་ཡ། ཕུལ་ཐོ་རི་ཁོ་གླིང་ཕྲན། མོར་ཏུའོ་ཝ་བཅས་ཀྱི་མི་འབོར་2054ལོའི་གོང་ཆེས་ཆེར་ཆག་རྒྱུ་རེད།

      སྙན་ཞུའི་ནང་ད་དུང་སྔོན་དཔག་བྱས་པར་གཞིགས་ན། 2054ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་77.4ཟིན་སྲིད། 2080ལོའི་གོང་ལོ་65དང་དེའི་ཡན་གྱི་མི་འབོར་གྱི་གྲངས་འབོར་དེ་ལོ་18དང་དེ་མན་གྱི་མི་འབོར་གྱི་གྲངས་འབོར་ལས་བརྒལ་རྒྱུ་རེད།