༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་འཚོགས་པ།

人民网

      ཞི་ཅིན་ཕིང་གིས་བཀའ་ཡིག་གནང་ནས་གོ་རྟགས་འཕར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས་པ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་11ཉིན། 10:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཟླ་7ཚེས་9ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧོ་ཧུང་ཅུན་ལ་བཀའ་ཡིག་གནང་བ།

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད།

      ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གོ་རྟགས་སྤོར་བའི་མཛད་སྒོ་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་གིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

      ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧོ་ཧུང་ཅུན་ལ་བཀའ་ཡིག་གནང་ནས་རྟེན་འབྲེལ་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཀྱི་དཔུང་རྟགས་བཏགས་པའི་ཧོ་ཧུང་ཅུན་གྱིས་ཞི་ཅིན་ཕིང་དང་མཛད་སྒོར་ཞུགས་མཁན་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པ་དང་། དེ་རྗེས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

      ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་གོ་རྟཌ་སྤོར་བའི་མཛད་སྒོ་མཇུག་འགྲིལ་བ་རེད།

      ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་། མེའོ་ཧྭ། ཀྲང་ཧྲེང་མིན། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད།