༄༅།།ཙུང་ཐུང་འདིའི་རླངས་འཁོར་ལ་མེ་མདའ་ཕོག་འདུག 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་11ཉིན། 14:57】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། ཁོ་ལོམ་པི་ཡའི་ཙུང་ཐུང་གཞོན་པ་མའར་ཁེ་སིའི་རླངས་འཁོར་རུ་ཁག་ལ་ཁའོ་ཁ་ཞིང་ཆེན་དུ་མེ་མདའ་ཕོག འོན་ཀྱང་མི་སྣ་ཤི་རྨས་བྱུང་མེད། དོན་རྐྱེན་ཐོན་སྐབས། མའར་ཁེ་སི་ཐད་འཕུར་གནམ་གྲུར་བསྡད་དེ་བྱེད་སྒོ་སྤེལ་ཡུལ་གཞན་ཞིག་ཏུ་སྐྱོད་བཞིན་ཡོད།

      མའར་ཁེ་སི་ཡིས་གསལ་བསྒྲགས་ནང་བཤད་དོན། བདེ་འཇགས་ཚོགས་པས་ཁོང་ལ་ཁོང་གི་རླངས་འཁོར་རུ་ཁག་ཁྲོད་ཀྱི་རླངས་འཁོར་གཙོ་བོ་ཞིག་ཁའོ་ཁ་ཞིང་ཆེན་ཐིང་པ་གྲོང་རྡལ་དུ་སླེབས་སྐབས། ཐོབ་ཐང་གསལ་པོ་མེད་པའི་མི་སྣས་མེ་མདའ་བརྒྱབ་པ་དང་། སྟབས་ལེགས་པ་ཞིག་ལ་སྐབས་དེ་དུས་རླངས་འཁོར་ནང་འགྲུལ་པ་མེད་པའི་བརྡ་ཐོ་བཏང་ཅེས་བཤད། མའར་ཁེ་སིས་བཤད་རྒྱུར། མོས་དྲག་ཤུགས་ལ་མགོ་སྒུར་མི་སྲིད། ཁའོ་ཁ་ཞིང་ཆེན་གྱི་དྲག་ཆས་པས་མཚོན་ཆ་འཇོག་དགོས་པའི་རེ་བ་བཏོན།

      ཉེ་ལམ་ཁོ་ལོམ་པི་ཡར་གཏུམ་སྤྱོད་དོན་རྐྱེན་ཡང་ཡང་ཐོན་བཞིན་ཡོད། ཟླ་6ཚེས་16ཉིན། མའར་ཁེ་སིའི་ཨ་ཕ་དང་ཚ་བོ་སྡོད་པའི་རླངས་འཁོར་ལ་འཇབ་རྒོལ་ཕོག་མྱོང་ཡོད།