༄༅།།ལྗར་པན་གྱི་གྲུ་གཟིངས་ཏའེ་ཡུས་གླིང་ཕྲན་དུ་འཛུལ་བ་ཕྱིར་འབུད་བྱས་འདུག 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 13:45】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀན་ཡུས་ཀྱིས། ཚེས་10ཉིན་ལྗར་པན་གྱི་“སན་ཅ་ཝན་”རྟགས་ཅན་གྱི་ཉ་གྲུ་དང་སྐོར་ཞིབ་གྲུ་གཟིངས་ཁ་ཤས་ཁྲིམས་འགལ་ངང་རང་རེའི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་འཛུལ་བས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་མཐུན་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་པ་དང་འབྲེལ་ཐ་ཚིག་བསྒྲགས་ཏེ་ཕྱིར་འབུད་བྱས་པ་རེད། ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཕྲན་ནི་ཐོག་མ་ཉིད་ནས་ཀྲུང་གོར་བདག་པའི་མངའ་ཁོངས་ཡིན་པ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་མཐུན་ལྟར་རྒྱལ་ཁབ་ཀྱི་བདག་སྐྱོང་མཚོ་ཁོངས་སུ་མཚོ་ཐོག་ཁེ་དབང་སྲུང་སྐྱོང་ཁྲིམས་འཛིན་བྱེད་སྒོ་སྤེལ་གྱི་ཡོད། ང་ཚོས་ལྗར་པན་ཕྱོགས་ལ་མཚོ་ཁོངས་དེའི་ཁྲིམས་འགལ་བྱ་སྤྱོད་མཐའ་དག་འཕྲལ་མར་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། དེ་ལྟར་མ་བྱས་ན། ང་ཚོས་ཕར་རྒོལ་གྱི་དབང་ཆ་མཐའ་དག་སོར་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།