༄༅།།ཕོ་བྲང་པོ་ཏ་ལའི་རིག་དངོས་101འགྲེམས་སྟོན་བྱས་འདུག 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་13ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      2024ལོ་ནི་ཕོ་བྲང་པོ་ཏ་ལ་ཤུལ་བཞག་ཐོ་འགོད་ལེགས་འགྲུབ་བྱུང་བའི་ལོ་ངོ་30ཡིན་པ་དང་། དབྱང་ཀྲོའུ་ཀྲུང་གོའི་གཙང་པོ་བཅོས་མའི་དངོས་མང་བཤམས་སྟོན་ཁང་དང་བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་གཙང་པོ་བཅོས་མའི་དངོས་མང་བཤམས་སྟོན་ཁང་གི་“རིག་གནས་ཤུལ་བཞག་”རབ་དང་རིམ་པའི་དམིགས་བསལ་འགྲེམས་སྟོན་གྱི་ནང་གསེས་དེ་“ཕོ་བྲང་པོ་ཏ་ལ——བོད་ཡུལ་ནས་ཡོང་བའི་འཛམ་གླིང་རིག་གནས་ཤུལ་བཞག་”འགྲེམས་སྟོན་བྱས་པ་རེད། ད་ཐེངས་ཀྱི་དམིགས་བསལ་འགྲེམས་སྟོན་ནང་ཕོ་བྲང་པོ་ཏ་ལའི་རྩ་ཆེའི་ཉར་ཚགས་དངོས་པོ་101འགྲེམས་སྟོན་བྱས་ཤིང་། དེའི་ནང་ཐང་ག་དང་།  སྐུ་བརྙན། མཆོད་ཆས། རྒྱན་གོས་སོགས་ཚུད་ཡོད་པས་ལྟད་མོ་བ་མང་པོའི་ཡིད་དབང་བཀུགས་ཏེ་ལྟ་སྐོར་དུ་འབྱོར་བ་རེད།
      【1】  【2】  【3】  【4】

1/4