༄༅།།འདི་རུ་ཕྱེ་མ་ལེབ་དུང་ཕྱུར་ཙམ་སླེབས་རྒྱུ་རེད།  

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་17ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཁུལ་ཅིན་ཕིང་རྫོང་དུ་གནས་པའི་ཀྲུང་གོ·ཧུང་ཧོ་ཕྱེ་ལེབ་གྲོག་རོང་དུ་རི་ཁུལ་ཆར་ནགས་དང་། དུས་རླུང་རྒྱུན་ལྗང་ལོ་མ་ཆེ་བའི་ནགས་ཚལ་སོགས་སྔོ་ཁེབས་སྣ་ཚོགས་སྐྱེས་ཡོད་པས་ཕྱེ་ལེབ་རིགས་འཚོ་གནས་བྱེད་པར་འཚམ་པའི་རྨང་གཞིའི་སྐྱེ་ཁམས་ཁོར་ཡུག་ལྡན་ཡོད། དེར་བརྟེན་ཕྱེ་ལེབ་རིགས་ཀྱི་སྐྱེ་དངོས་རིགས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། 
      གནས་འདི་གར། ཕྱེ་མ་ལེབ་ནི་སྒོ་ང་ནས་འབུ་ཕྲུག་དང་། དེ་ནས་མཐའ་མའི་འབུ་དར་མའི་བར་གྱི“མཛེས་སྡུག་ལྡན་པའི་འགྱུར་ལྡོག”བརྒྱུད་ཡོད། སྔོན་དཔག་བྱས་ན། ད་ལོར་ཕྱེ་མ་ལེབ་ཐོན་པའི་བསྡོམས་འབོར་དུང་ཕྱུར་ཙམ་ཡོད་པ་དེ་2023ལོར་ཐོན་པའི་གྲངས་འབོར་དང་འདྲ་མཚུངས་རེད།