༄༅།།བོད་ལྗོངས་ཀྱི་སྲོལ་རྒྱུན་མི་རིགས་རོལ་དབྱངས་སྤྲོ་ཚོགས་འཚོགས། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་23ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཉིན་དེར་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་སྒྲུབ་འགན་འཁུར་བའི་བོད་ལྗོངས་ཀྱི་སྲོལ་རྒྱུན་མི་རིགས་རོལ་དབྱངས་སྤྲོ་ཚོགས་《བཀྲ་ཤིས་སྒྲ་སྙན་》ཞེས་པ་དེ་བོད་ལྗོངས་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་བྱས་པ་རེད། རོལ་དབྱངས་སྤྲོ་ཚོགས་ཐོག་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་རིགས་རེས་མོས་ཐོག་ནས་འཁྲབ་སྟོན་བྱས་ཏེ། སྲོལ་རྒྱུན་ལྡན་པའི་མི་རིགས་ཀྱི་རོལ་དབྱངས་ཕུལ་བྱུང་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། 
      【1】  【2】  【3】  【4】

1/4