༄༅།།ཡུན་ནན་གྱིས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་ཐོན་ལས་ཞབས་ཞུ་ཚོགས་པ་ཁག་

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་20ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཡུན་ནན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། རིགས་གཅིག་མཁས་ཅན་དང་ཤེས་ལྡན་པས་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་ཁྲིད་སྟོན་བྱ་ཆེད། ཡུན་ནན་ཞིང་ཆེན་གྱིས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པས་ཁེ་ལས་ལ་གནད་ལ་འཕིགས་པའི་ཞབས་འདེགས་ཞུ་བའི་ལམ་སྲོལ་བཙུགས་ཤིང་། ཁག་དང་པོར་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་ཐོན་ལས་ཞབས་ཞུ་ཚོགས་པ་20བཙུགས་ནས། ད་ལྟ་སྐྲུན་བཞིན་པའི་ཐོན་ལས་ཀྱི་གལ་ཆེན་རྣམ་གྲངས་20དང་གཙོ་གནད་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་ལ“གཅིག་གཏད་གཅིག”གི་ཞབས་འདེགས་ཞུས་པའི་ཁར། སྲིད་ཇུས་ཞབས་ཞུ་ཚོགས་པ་1བཙུགས་ནས་ཞབས་འདེགས་ཞུ་ཡུལ་གྱི“སྒོ་རྩར”སྐོར་སྐྱོད་རྣམ་པའི་ཞབས་འདེགས་ཞུས་པ་དང་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པས་ཐོན་ལས་ལ་གནད་ལ་འཕིགས་པའི་ཞབས་འདེགས་ཞུ་བར་རམ་འདེགས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་བ་དང་། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་བ་རེད།