༄༅།།ཞིང་འབྲོག་ཚོར་ཁ་གསབ་འདི་སྤྲོད་རྒྱུ་རེད། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་10ཉིན། 14:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ནོར་སྲིད་ཀྱི་ཁ་གསབ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གསལ་རྟོགས་གཱ་(2024ལོའི་པར་མ་)》ཁྱབ་བསྒྲགས་བྱས།

      ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་ཆེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཚོ་(ཞིང་རའི་ལས་བཟོ་ཚུད་པ་)ལ་ནོར་སྲིད་ཀྱི་ཞིང་ཕན་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ནོར་སྲིད་ཀྱི་ཁ་གསབ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གསལ་རྟོགས་གཱ་(2024ལོའི་པར་མ་)》(གཤམ་དུ་《གསལ་རྟོགས་གཱ་》ཞེས་བསྡུ་རྒྱུ།)དུས་ཐོག་ཏུ་གསར་བརྗེས་དང་བཟོ་བཅོས་བྱས་པ་རེད། གསར་དུ་བཟོ་བཅོས་བརྒྱབ་པའི་《གསལ་རྟོགས་གཱ་》ནང་ཞིང་ཕན་དམངས་ཕན་སྲིད་ཇུས་ཁག་52ཚུད་ཡོད། དེའི་ནང་ཐད་ཀའི་ཁ་གསབ་སྲིད་ཇུས་ཁག་28དང་གཞན་བརྒྱུད་ཀྱི་ཁ་གསབ་སྲིད་ཇུས་ཁག་24ཚུད་ཡོད་པ་རེད།