༄༅།།གསོ་རིག་རིགས་གཅིག་མཁས་ཅན་གྱིས། ནད་བཅོས་སྲོག་སྐྱོབ་ལས་ལ་གཞོལ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་11ཉིན། 14:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      འདི་ནི་ཟླ་7ཚེས་9ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ‘སེམས་མཐུན། སེམས་མཐུན་ཀྲུང་གོ་མཉམ་དུ་གཏོད་པའི’སྨན་དོན་དང་བླངས་པ་ཆིང་ཧྭ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་སྙིང་ནད་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་སྨན་པ་དཀའ་བཅུ་པ་ཤུའེ་ཧུའེ(གཡོན)ཡིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བོད་རིགས་བུ་ཞིག་ལ་གཤགས་བཅོས་བྱེད་བཞིན་པ།

      ཉེ་ཆར། “སེམས་མཐུན་མཉམ་སྐྲུན། དཀར་མཛེས་ལ་གཅེས་སེམས་བཅངས། ‘སེམས་མཐུན། སེམས་མཐུན་ཀྲུང་གོ་མཉམ་དུ་གཏོད’2024ལོའི་དཀར་མཛེས་སུ་སྐྱོད”ཅེས་པའི་བྱེད་སྒོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དར་མདོ་གྲོང་ཁྱེར་དུ་སྤེལ་བ་རེད། པེ་ཅིང་གི་སྨན་བཅོས་ཚན་པ་ཁག་160ཡི་སྨན་དོན་དང་བླངས་པ་800ཙམ་གྱིས་དཀར་མཛེས་ཀྲོའུ་ཡི་གྲོང་ཁྱེར་དང་རྫོང་18དུ་དུས་ཡུན་གཟའ་འཁོར་གཅིག་གི་བདེ་ཐང་སྤྱི་ཕན་ཞབས་ཞུ་སྤེལ་བ་རེད།

      འདི་ནི་ཟླ་7ཚེས་8ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ‘སེམས་མཐུན། སེམས་མཐུན་ཀྲུང་གོ་མཉམ་དུ་གཏོད་པའི’སྨན་དོན་དང་བླངས་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཆིང་ཧྭ་སློབ་ཆེན་ཞོར་གཏོགས་པེ་ཅིང་ཆིང་ཧྭ་ཀྲང་ཀེན་སྨན་ཁང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཏུང་ཅཱ་ཧུང(གཡོན)གིས་མཆིན་ནད་ཐུམ་འབུའི་ནད་ཕོག་པའི་བོད་རིགས་བུ་མོ་ཞིག་ལ་གཤགས་བཅོས་བྱེད་བཞིན་པ།