༄༅།།ཟླ་བའི་གོ་ལ་དང་སའི་གོ་ལའི་དུས་ཚོད་གཅིག་པ་ཡིན་ནམ། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་03ཉིན། 14:00】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཟླ་བའི་གོ་ལ་དང་སའི་གོ་ལའི་སྟེང་གི་དུས་ཚོད་གཅིག་པ་ཡིན་ནམ། གལ་ཏེ་མི་འདྲ་ན། གཅིག་གྱུར་བྱེད་དགོས་སམ། དབྱིན་ཇིའི《ཚན་རིག་མཁས་ཅན་གསར་པ》དྲ་ཚིགས་ཐོག་ཟླ་6ཚེས་28ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཅུས(NASA)ཀྱི་རྩིས་རྒྱག་གསར་ཤོས་ལས་མངོན་པར། ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་དུས་ཚོད་ནི་སའི་གོ་ལའི་ཕྱི་ངོས་ཀྱི་དུས་ཚོད་ལས་སའི་གོ་ལའི་ཉིན་རེར་སྐར་ཆ་ཕྲ་མོ་57.5མགྱོགས་པ་ཡོད། མིའི་རིགས་ཀྱི་ཟླ་བའི་གོ་ལའི་འཚོལ་ཞིབ་ཁྲོད། ཁྱད་པར་འདི་ཧ་ཅང་གལ་ཆེན་ཡིན་སྲིད།

      ཨར་པོ་ཐི་·ཨའེ་དབྱིན་སི་ཐན་གྱི་སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བས་ཚོད་དཔག་བྱས་པ་ལྟར། ཟླ་བའི་གོ་ལའི་སྟེང་གི་འཐེན་ཤུགས་ནི་སའི་གོ་ལའི་དྲུག་ཆ་གཅིག་ལས་མེད། དེའི་ཕྱིར་དུས་ཚོད་ཟླ་བའི་གོ་ལའི་སྟེང་དུ་བཞུར་རྒྱུ་སྔར་ལས་མགྱོགས་ཤིང་། འདི་ནི་དུས་ཚོད་སྦོས་པའི་མཇུག་འབྲས་རེད། ཚོགས་པས་སའི་གོ་ལ་དང་ཟླ་བའི་གོ་ལའི་ཐོག་ཉི་མའི་ཁྱིམ་རྒྱུད་ཀྱི་ལྟེ་གནས་གཞི་འཛིན་སའི་དུས་ཚོད་ཀྱི་རྒྱུན་རྩིས་བརྒྱབ་པ་ལས་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་དུས་ཚོད་དེ་ཉིན་རེར་སྐར་ཆ་ཕྲ་མོ་57.5མགྱོགས་པ་མཚོན་གྱི་ཡོད། དེ་ཐོག་ནས་ལོ་50ཡི་དུས་ཚོད་ནང་ཟླ་བའི་གོ་ལའི་ཐོག་གི་འཇིག་རྟེན་འཕུར་སྐྱོད་པ་དེ་རང་གི་གོ་ལའི་ཐོག་གི་མི་ལས་སྐར་ཆ་གཅིག་ཡས་མས་རྒས་ཡོད་པ་མཚོན་གྱི་ཡོད།

      དེ་གོང་ཟླ་བའི་གོ་ལའི་དུས་ཚོད་སྐོར་གྱི་ཞིབ་འཇུག་ལའང་དེ་དང་འདྲ་བའི་སྡོམ་ཚིག་ཐོབ་ཡོད། ད་ལོའི་ཟླ་2པར་ཞིབ་འཇུག་གཞན་ཞིག་གིས། གནམ་གཟུགས་འཁོར་ལམ་གཉིས་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་དུས་ཚོད་ནི་སའི་གོ་ལ་ལས་སྐར་ཆ་ཕྲ་མོ་56ཡིས་མགྱོགས་པ་རྩིས་བརྒྱབ་པ་རེད།

      ཟླ་བའི་གོ་ལའི་དུས་ཚོད་ཀྱི་མཚན་ཉིད་ནི་རྒྱལ་སྤྱིའི་ཚད་འཇལ་ཅུས་དང་རྒྱལ་སྤྱིའི་གནམ་དཔྱད་རིག་པ་མཉམ་འབྲེལ་ལྷན་ཚོགས་ཚུད་པའི་སྒྲིག་གཞི་མང་པོ་ཞིག་གིས་མཚན་ཉིད་འཇོག་རྒྱུ་ཡིན་པ་དང་། གྲོས་བསྡུར་ཁག་གཅིག་ཟླ་8པར་བྱ་རྒྱུ་ཡིན་པ་རེད།

      དེ་མིན། ཟླ་བའི་གོ་ལའི་དུས་ཚོད་ཀྱི་མཚན་ཉིད་ལ་ད་དུང་མགོ་བརྩམས་པའི་དུས་ཚོད་ཅིག་གཏན་འཁེལ་བྱེད་དགོས། དུས་ཚོད་འདི་ནས་བཟུང་། ཟླ་བའི་གོ་ལའི་སྟེང་གི་སྐར་ཆ་གྲངས་སའི་གོ་ལ་དང་ཡང་དག་པའི་སྒོ་ནས་གོམ་མཉམ་དུ་འགྱུར་སྲིད། དེ་ནི་མིའི་རིགས་ཀྱིས་རྒྱལ་སྤྱིའི་མ་རྡུལ་དུས་(མ་རྡུལ་ཆུ་ཚོད་ཀྱིས་ཚད་འཇལ་བ)ཀྱི་མགོ་བརྩམས་པའི་དུས་ཚོད་དེ་སའི་གོ་ལའི་སྟེང་གི་1977ལོའི་ཟླ་1ཚེས་1ཉིན་གཏན་འཁེལ་བྱེད་པར་འཐད་པ་བྱུང་བ་དང་འདྲ།