༄༅།།ཀོང་ཏུང་གིས་སྤྱི་ཚོགས་འགན་སྲུང“གྲོང་རྡལ་དང་གྲོང་ཚོ་ཀུན་ལ་ཁྱབ་པའི”འདུ་འགོད་ལ་སྐུལ་འདེད་བཏང་བ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      འདི་ག་ཚགས་པར་ཁང་དུ་ཧྲའོ་ཀོན་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀོང་ཏུང་ཞིང་ཆེན་སྤྱི་ཚོགས་འགན་སྲུང“གྲོང་རྡལ་དང་གྲོང་ཚོ་ཀུན་ལ་ཁྱབ་པའི”འདུ་འགོད་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀོང་ཏུང་ཞིང་ཆེན་མི་སྤྱི་ཐིང་གིས་སྤྱི་ཚོགས་འགན་སྲུང“གྲོང་རྡལ་དང་གྲོང་ཚོ་ཀུན་ལ་ཁྱབ་པའི”འདུ་འགོད་ལག་ལེན་བསྟར་ཞིང་། འཆར་གཞི་ལྟར་ན། ལོ་གསུམ་གྱི་རིང་སྤྱི་ཚོགས་འགན་སྲུང་ལས་ཚུགས་ལ་གཤོང་ཚད་ཆེ་རུ་ཕན་འཕར་ཡོང་བར་བྱས་ཏེ། སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་སྐར་ཁུང་མདུན་དུ་སྤོ་བ་དང་གཞི་རིམ་དུ་ཞབས་འདེགས་ཞུས་ཏེ་སྤུས་ལེགས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཞབས་འདེགས་ཞུ་ཡུལ་བསྐྲུན་རྒྱུ་རེད། མིག་སྔར། ཀོང་ཏུང་ཞིང་ཆེན་གྱིས་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ས་ཚིགས་ཁག་ཁྲི་3.4བསྐྲུན་པར་ཁྱབ་ཚད་83%དང་ལས་སྒོ་ཁྲི་4343སྒྲུབ་གཉེར་བྱས་པ། འགན་བཅོལ་ལ་ཞུགས་མཁན་མི་ཐེངས་དུང་ཕྱུར་1.6ལ་ཕན་པ་ཐོབ་ཡོད་པ་རེད།