༄༅།།དར་བྲིས་དཔེ་ཆ་འདི་ཨ་རིར་ཡོད་པའི་དངོས་དཔང་ངོས་ལེན་བྱས།   

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་21ཉིན། 14:28】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཟླ་6ཚེས་20ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཧྲན་ཏུང་ཆིང་ཏའོ་ནས་ཙི་ཏན་ཁུའུ་ཡི་དར་བྲིས་དཔེ་ཆ་ཨ་རིར་སྤོ་སྒྱུར་བྱས་པའི་དངོས་དཔང་ངོས་ལེན་བྱས། ཙི་ཏན་ཁུའུ་ཡི་དར་བྲིས་དཔེ་ཆ་ནི་1942ལོར་ཧུའུ་ནན་ཁྲང་ཧྲ་ཙི་ཏན་ཁུའུ་ཡི་ཁྲུའུ་རྒྱལ་རབས་ཀྱི་བང་སོ་ནས་ཁྲིམས་འགལ་གྱིས་བསྔོགས་འདོན་བྱས་པ་ཞིག་ཡིན་ཞིང་། དེ་ནི་ད་ལྟ་རྙེད་པའི་ཆེས་སྔ་བའི་དར་བྲིས་དཔེ་ཆ་ཡིན་ལ།1946ལོར་ཨ་རིར་སྤོ་སྒྱུར་བྱས་པ་རེད།

      ད་ཐེངས་རྩིས་སྤྲོད་བྱས་པའི་དངོས་དཔང་གལ་ཆེན་ལས་ཙི་ཏན་ཁུའུ་ཡི་དར་བྲིས་དཔེ་ཆ་དེ་1946ལོའི་ཟླ་9ཚེས་16ཉིན་ནས་བཟུང་ཧྥུའུ་ཀེ་རྟེན་རྫས་བཤམས་མཛོད་ཁང་དུ་གཡར་ནས་ཉར་ཚགས་བྱས་པ་ར་སྤྲོད་བྱས། དེ་ནི་ཙི་ཏན་ཁུའུ་ཡི་དར་བྲིས་དཔེ་ཆ་ཨ་རིར་སྤོ་སྒྱུར་བྱས་པའི་དཔང་རྟགས་གལ་ཆེན་ཞིག་ཡིན། དངོས་དཔང་དེ་ཀྲུང་གོ་ཕྱོགས་ལ་རྩིས་སྤྲོད་བྱས་པ་ལས་ཆི་ཁ་ཀོ་སློབ་ཆེན་དཔེ་མཛོད་ཁང་གིས་ཙི་ཏན་ཁུའུ་ཡི་དར་བྲིས་དཔེ་ཆ་ཀྲུང་གོར་ཕྱིར་སྤྲོད་པར་རྒྱབ་སྐྱོར་བྱེད་རྒྱུ་མཚོན་ཡོད།