༄༅།།འཕེན་གཏོང་ལེགས་གྲུབ་བྱུང་འདུག 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་01ཉིན། 13:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      པེ་ཅིང་གི་དུས་ཚོད་2024ལོའི་ཟླ་6ཚེས་29ཉིན་གྱི་ཆུ་ཚོད་19དང་སྐར་མ་57ཡི་ཐོག རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བར་རྒྱང་སྐྱོད་ཨང་7པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བསྒྱུར་ནས་ཀྲུང་སྐར་3Aསྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་སྔོན་བཀོད་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་དེ་འཕེན་གཏོང་གི་ལས་འགན་ལེགས་གྲུབ་བྱུང་བ་རེད། སྲུང་སྐར་དེ་ནི་འཕྲིན་གཏོང་རླུང་འཕྲིན་སྲུང་སྐར་ཞིག་ཡིན་པ་དང་སྤྱོད་མཁན་ལ་སྐད་གདངས་དང་། གཞི་གྲངས། རླུང་འཕྲིན་བརྙན་འཕྲིན་བཅས་ཀྱི་བརྒྱུད་གཏོང་ལས་སྒོ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།