༄༅།།ཁོང་མོ་སི་ཁྲོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བསྐོ་གཞག་བྱས། 

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་05ཉིན། 13:34】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཟླ་7ཚེས་4ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས་པའི་ཐོག་《ཧྲི་ཞའོ་ལིན་དང་ལི་ཝུན་ཆིང་གི་གོ་གནས་བསྐོ་གཞག་བྱ་རྒྱུའི་སྐོར་གྱི་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཀྱི་གྲོས་གཞི་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། ཧྲི་ཞའོ་ལིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བསྐོ་གཞག་དང་། ཧྲི་ཞའོ་ལིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་གྱི་ལས་ཚབ་འགོ་འཛིན་པར་བསྐོ་གཞག་བྱ་རྒྱུའི་ཐག་བཅད་པ་རེད།