༄༅།།2024ལོའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་གྱི་ཚོཊ་འདུ་འཚོཊ་པ།

人民网

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 13:36】  ཡོང་ཁུངས།:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      སྤྱི་ཟླ་7པའི་ཚེས་3ཉིན། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གཙོ་གཉེར་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་སྤྱི་ལོ་2024ལོའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་གྱི་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་དུ་འཚོགས་པ་རེད། པེ་ཅིང་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ནས་ཕེབས་པའི་མཁས་དབང་29ཚོགས་འདུར་ཞུགས་ཏེ། ལོ་གཅིག་རིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཡིག་ཆ་དང་། ཏང་སྲིད་ཚད་ལྡན་ཡིག་ཆ། ཁྲིམས་ལུགས་ཁྲིམས་སྲོལ་གལ་ཆེན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆ་དང་དེ་བཞིན་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ནང་ཐོན་པའི་བརྡ་ཆད་གསར་པ་200གཅིག་སྡུད་ཐོག་གཅིག་གྱུར་བཟོས་ཡོད།

      གྲོས་ཚོགས་ཐོག་བརྡ་ཆད་གསར་པའི་ཡིག་སྒྱུར་ཚད་ལྡན་ཡོང་བའི་ལས་དོན་ནི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ཁྲོད་ཆེས་གཞི་རྩར་གྱུར་བའི་ལས་དོན་ཞིག་ཡིན་ཞིང་། གང་དེར་ཆབ་སྲིད་རང་བཞིན་དང་། སྲིད་ཇུས་རང་བཞིན་ཤུགས་ཆེན་ལྡན་པ་དང་། མི་རིགས་སྐད་ཡིག་སྦྱོང་སྤྱོད་ཡང་དག་བྱེད་པ་དང་འབྲེལ་བ་ཡོད་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་གོ་བ་ཡང་དག་ལེན་པ་དང་ཡང་འབྲེལ་བ་ཟབ་མོ་ཡོད་ལ། མི་རིགས་ས་ཁུལ་གྱི་ཆབ་དཔལ་རིག་གསུམ་དང་། སྤྱི་ཚོགས། སློབ་གསོ་བཅས་གོང་འཕེལ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་ཞེས་ནན་བཤད་བྱས་ཡོད།

      གྲོས་ཚོགས་ཐོག་བླང་བྱ་ཁག་གསུམ་བཏོན་ཡོད་པ་སྟེ། གཅིག་ནས་བརྡ་ཆད་གཅིག་གྱུར་གྱི་ཆབ་སྲིད་འགག་སྒོར་དམ་འཛིན་ནན་པོ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་ཡོངས་སྐད་ཡིག་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་ཐིག་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་དག་བརྡ་ཆད་གཅིག་གྱུར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ཐོག་ཚིག་རིགས་གཅིག་གྱུར་གྱི་ཆབ་སྲིད་དང་འདུ་ཤེས་འཛིན་སྟངས་ལ་དམ་འཛིན་ནན་པོ་བྱ་དགོས།

      གཉིས་ནས། བརྡ་ཆད་གཅིག་གྱུར་ལས་དོན་གྱི་རྩ་དོན་དང་བླང་བྱ་ནན་པོ་སྲུང་དགོས། ཡིག་སྒྱུར་གྱི་རྩ་བའི་རྩ་དོན་དང་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་། མ་ཡིག་གི་བརྗོད་དོན་ལ་གང་ལེགས་བསྟུན་པ། རྒྱུན་འཇགས་མིང་ཚིག་དང་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རིགས་དབྱེའི་མཛུབ་ཁྲིད་དང་མཐུན་སྦྱོར་གཅིག་གྱུར་གྱིས་བརྡ་ཆད་གཅིག་གྱུར་ཚད་ལྡན་ཡོང་བར་འགན་ལེན་བྱ་དགོས།

      གསུམ་ནས། སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ནན་པོ་ཞུ་དགོས། སྔོག་འདོན་དང་། གསར་གཏོད། གཡར་བ་བཅས་གསུམ་གྱི་སྒྱུར་ཐབས་གཞིར་བཟུང་། རང་སྐད་ཀྱི་སྔར་ཡོད་མིང་ཚིག་དང་དམིགས་བསལ་བརྗོད་ཐབས་སྔོག་འདོན་གང་ལེགས་བྱས་ཏེ། དོན་ལ་འཕྱུག་པ་མེད་པ་དང་། ཁ་སྐད་དང་རིག་གཞུང་། རིག་གནས་བཅས་ཀྱི་རིན་ཐང་གཅིག་གྱུར་ཡོང་བ་བྱས་ཏེ། བརྡ་ཆད་གཅིག་གྱུར་གྱི་ལས་དོན་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་བ་བྱ་དགོས་ཞེས་བསྟན་འདུག