༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པ།

人民网

      —— ཨུ་རུ་སུའི་རིགས་གཅིག་མཁས་ཅན་ཡཱ་ལི་ཧྲན་ཏཱ·ཏེང་ཅིན་ལ་བཅར་འདྲི་བྱས་པ།

      གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་12ཉིན། 14:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

      ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཧོ་དང་ཀྲའོ་པིང་།

      ཉིན་ཤས་གོང་ཨུ་རུ་སུའི་ཚན་རིག་ཁང་གི་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡི་ཀྲུའུ་ཞི་ཡཱ་ལི་ཧྲན་ཏཱ·ཏེང་ཅིན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པ་དང་རྒྱལ་ཁབ་དེ་བས་མང་བ་རྩ་འཛུགས་དེའི་ནང་ཞུགས་འདོད་བྱེད་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུ་རེད་ཅེས་བརྗོད།

      ཏེང་ཅིན་གྱིས། ས་འབྲེལ་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་མིག་སྔར་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས“ངན་ཤུགས་གསུམ”གྱི་འཇིགས་སྐུལ་སྔར་བཞིན་གནས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་ཐོག་མའི་ལས་འགན་གལ་ཆེན་ཧུར་ཐག་བསྒྲུབས་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཏེ་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ས་ཁུལ་དེའི་ནང་གང་སར་མཆེད་རྒྱུ་བཀག་འགོག་བྱས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་འཛུགས་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་མཉམ་ལས་ཀྱི་ནང་དོན་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དེ་བས་དྲང་བདེན་དང་བསྟུན་མཁས་ཀྱི་འཛམ་གླིང་གི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་མདུན་ལམ་ཆེན་པོ་ལྡན་ཡོད”ཅེས་བརྗོད་པ་རེད།

      ཏེང་ཅིན་གྱིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས། “རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གླེང་གཞི་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་ཡོད་ལ། ས་ཁུལ་ཧྲིལ་པོའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་ཐུབ་ཀྱི་ཡོད། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སོགས་ཀྱིས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་ཐུན་མོང་འཕེལ་རྒྱས་ཀྱི་བར་མཐོངས་གྲུབ་རྒྱུར་སྐུལ་འདེད་གཏོང་ཐུབ”ཅེས་བརྗོད་པ་རེད།

      (ལྷ་དབང་གིས་བསྒྱུར། སྐལ་མཆོག་གིས་ཞུས)